欢迎您访问:阿里地区革吉县人民政府网站

政务信息

当前位置: 网站首页 >> 新闻动态 >> 政务信息 >> 正文

2018年西藏自治区人民陪审员选任公告(藏汉双语)

信息来源:西藏日报 发布日期:2018年09月11日 18:41 浏览次数:

2018年西藏自治区人民陪审员选任公告

为弘扬司法民主,促进司法公正,充分保障人民群众参与司法的广泛性和公平性,提升审判公信力和权威性,根据《人民陪审员法》《人民陪审员选任办法》要求,决定向社会公开选任人民陪审员。现将有关事项公告如下:

 一、选任名额

全区人民陪审员选任名额共3416名,其中通过随机抽选方式选任人民陪审员名额2733名;通过个人申请和组织推荐方式选任人民陪审员名额683名。

二、选任条件

(一)担任人民陪审员应具备的条件:

1.坚决拥护中国共产党的领导,拥护中华人民共和国宪法;

2.坚决维护习近平总书记党中央的核心和全党的核心地位,维护党中央权威和集中统一领导;

3.坚决认同党的领导、认同伟大祖国、认同中华民族、认同中华文化、认同中国特色社会主义道路;

4.坚决维护祖国统一和民族团结,反对分裂;

5.年满二十八周岁的中华人民共和国公民;

6.遵纪守法、品行良好、诚实守信、公道正派;

7.具备一定的法律素养、把握形势政策水平;

8.具有正常履行职责的身体条件。

担任人民陪审员,一般应当具有高中以上文化程度。我区部分偏远地区可适当放宽学历条件,但不得低于初中文化程度。

(二)下列人员不能担任人民陪审员:

1.人民代表大会常务委员会的组成人员,监察委员会、人民法院、人民检察院、公安机关、国家安全机关、司法行政机关的工作人员;

2.律师、公证员、仲裁员、基层法律服务工作者;

3.其他因职务原因不适宜担任人民陪审员的人员。

(三)有下列情形之一的,不得担任人民陪审员:

1.受过刑事处罚的;

2.被开除公职的;

3.被吊销律师、公证员执业证书的;

4.被纳入失信被执行人名单的;

5.因受惩戒被免除人民陪审员职务的;

6.其他有严重违法违纪行为,可能影响司法公信的。

三、选任程序

(一)社会公告。在人民陪审员选任工作开始前一个月,向社会公告人民陪审员的选任名额、选任条件、选任程序等相关事宜。

(二)候选人的产生:

1.随机抽选。司法行政机关会同公安机关,从辖区内的常住居民名单中随机抽选,并征求本人意见。

2.个人申请。符合担任人民陪审员条件的公民直接向户籍所在地或经常居住地的县级司法行政机关提出书面申请。

3.组织推荐。公民所在单位、户籍所在地或经常居住地的基层群众性自治组织、人民团体征得本人同意后进行推荐。

(三)资格审查。对随机抽选、个人申请和组织推荐的人民陪审员候选人进行资格审查,并征求人民陪审员候选人意见。

(四)确定人选。从通过资格审查并同意担任人民陪审员的人民陪审员候选人名单中,随机抽选产生人民陪审员拟任人选。

(五)背景审查。对符合选任要求、条件并愿意参与人民陪审工作的人民陪审员拟任人选进行背景审查,并再次征求本人意见。

(六)任前公示。向社会公示拟任命人民陪审员名单。公示期不少于五个工作日。   

(七)提请任命。经公示后确定的人民陪审员拟任人选,由基层人民法院院长提请同级人民代表大会常务委员会任命。

(八)就职宣誓。人民代表大会常务委员会任命通过后,人民陪审员公开举行就职宣誓。

四、被推荐和本人申请担任人民陪审员的公民报名事宜

(一)报名时间:2018年9月11日至2018年9月20日

(二)报名地点:各县(区)司法局

(三)报名时需提交如下材料:

1.人民陪审员推荐表或个人申请表;

2.本人户口簿、居民身份证、学历证书原件及复印件;

3.本人近期一寸免冠彩照4张。

经审查、考察确定的人民陪审员人选,提请县级人大常委会任命,任期五年。

人民陪审员依法代表人民参加人民法院的审判活动,与审判员拥有同样的职权,这既是人民当家作主权利的具体体现,也是一项光荣的职责和义务,欢迎符合条件的公民踊跃报名参与。

西藏自治区司法厅

2018年9月5日


༄༅།།༢༠༡༨ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདྲི་གཅོད་ལས་རོགས་པ་བདམ་བསྐོ་བྱ་རྒྱུའི་སྤྱི་བསྒྲགས།

སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛིན་དམངས་གཙོ་དར་སྤེལ་དང་། ཁྲིམས་འཛིན་དྲང་གཞག་ལ་སྐུལ་དེད་བཏང་ནས། མི་དམངས་མང་ཚོགས་ཁྲིམས་འཛིན་ལས་དོན་ནང་ཞུགས་པའི་རྒྱ་ཆེའི་རང་བཞིན་དང་དྲང་བདེན་རང་བཞིན་ལ་འགན་ལེན་གང་ལེགས་ཡོང་བ་དང་། འདྲི་གཅོད་ཀྱི་སྤྱི་པའི་ཡིད་ཆེས་ཐོབ་ཤུགས་དང་དབང་གྲགས་རང་བཞིན་གོང་མཐོར་གཏོང་ཆེད། ༼མི་དམངས་འདྲི་གཅོད་ལས་རོགས་པའི་བཅའ་ཁྲིམས་༽དང་༼མི་དམངས་འདྲི་གཅོད་ལས་རོགས་པ་བདམ་བསྐོ་བྱེད་པའི་བྱ་ཐབས་༽ཀྱི་རེ་འདུན་གཞིར་བཟུང་། སྤྱི་ཚོགས་ལ་ཁ་གཏད་དེ་ཡོངས་ཁྱབ་ངང་མི་དམངས་འདྲི་གཅོད་ལས་རོགས་པ་བདམ་བསྐོ་བྱེད་རྒྱུ་ཡིན་པས། འབྲེལ་ཡོད་ཀྱི་དོན་ཚན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ཏེ།

དང་པོ།  བདམ་བསྐོ་བྱེད་པའི་མི་གྲངས།

ལྗོངས་ཡོངས་ཀྱི་མི་དམངས་འདྲི་གཅོད་ལས་རོགས་པའི་བདམ་བསྐོའི་མི་གྲངས་ཁྱོན་༣༤༡༦ཡོད་པ་དང་།  དེའི་ནང་སྐབས་བསྟུན་ཟུར་འཐེན་གྱི་རྣམ་པའི་ཐོག་ནས་བདམ་བསྐོ་བྱས་པའི་མི་དམངས་འདྲི་གཅོད་པའི་ལས་རོགས་པའི་མི་གྲངས་༢༧༣༣ཡོད་པ། མི་སྒེར་གྱིས་སྙན་ཞུ་ཕུལ་བ་དང་སྒྲིག་འཛུགས་ཀྱིས་ངོས་སྦྱོར་བྱས་པའི་རྣམ་པའི་ཐོག་ནས་བདམ་བསྐོ་བྱས་པའི་མི་དམངས་འདྲི་གཅོད་པའི་ལས་རོགས་པའི་མི་གྲངས་༦༨༣བཅས་སོ།།

གཉིས་པ།  བདམ་བསྐོ་བྱེད་པའི་ཆ་རྐྱེན།

༼དང་པོ༽ མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་འཁུར་བར་ཚང་དགོས་པའི་ཆ་རྐྱེན་ཏེ།

༡ ཀྲུང་གོ་གུ་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་དགོས།

༢ སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་བརྩི་ཞུ་དགོས་ཤིང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་འགོ་ཁྲིད་ལ་སྲུང་བརྩི་ཞུ་དགོས།

༣ ཏང་གི་འགོ་ཁྲིད་ལ་ངོས་འཛིན་གཅིག་མཐུན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་མཐའ་གཅིག་ཏུ་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན་མཐའ་གཅིག་ཏུ་བྱེད་དགོས་པ། ཀྲུང་ཧྭ་རིག་གནས་ལ་ངོས་འཛིན་གཅིག་མཐུན་མཐའ་གཅིག་ཏུ་བྱེད་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ངོས་འཛིན་གཅིག་མཐུན་མཐའ་གཅིག་ཏུ་བྱེད་དགོས།

༤ མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་བརྩི་མཐའ་གཅིག་ཏུ་བྱེད་དགོས་ཤིང་། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས།

༥ རང་ལོ་༢༨ལ་སོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་དགོས།

༦ ཁྲིམས་ལུགས་སྒྲིག་སྲོལ་སྲུང་ཞིང་ཀུན་སྤྱོད་ལེགས་པ། གཞུང་དྲང་དོན་ལ་གནས་ཤིང་དྲང་གཞག་ཚུལ་མཐུན་ཡིན་དགོས།

༧ ཁྲིམས་ལུགས་ཀྱི་ཆུ་ཚད་ངེས་ཅན་ཡོད་དགོས་ཤིང་། སྲིད་ཇུས་གནས་བབ་ལ་ངོས་འཛིན་བྱེད་པའི་ཆུ་ཚད་ཀྱང་ངེས་ཅན་ཡོད་དགོས།

༨ རྒྱུན་གཏན་གྱི་ལས་འགན་ལག་བསྟར་བྱེད་པའི་གཟུགས་པོའི་ཆ་རྐྱེན་ཡོད་དགོས།

མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་འཁུར་མཁན་ལ་སྤྱིར་མཐོ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ཡོད་དགོས། རང་ལྗོངས་ཀྱི་ས་ཐག་རིང་སའི་ས་ཁུལ་ཁ་ཤས་ལ་རིག་གནས་ཆུ་ཚད་ཀྱི་ཆ་རྐྱེན་ལྷོད་དུ་གཏོང་ཆོག་ཀྱང་། དམའ་འབྲིང་གི་རིག་གནས་ཆུ་ཚད་ལས་དམའ་བ་ཡིན་མི་ཆོག

༼གཉིས་པ༽གཤམ་གྱི་མི་སྣ་ཁག་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་འཁུར་མི་རུང་སྟེ།

༡ མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་གྱི་ཁོངས་མི་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ཚན་པ། རྒྱལ་ཁབ་བདེ་འཇགས་ཚན་པ། ཁྲིམས་འཛིན་སྲིད་འཛིན་ཚན་པ་བཅས་ཀྱི་ལས་བྱེད་མི་སྣ།

༢ ཁྲིམས་རྩོད་པ་དང་གཞུང་ཞབས་པ། འདུམ་གཅོད་པ། གཞི་རིམ་ཀྱི་ཁྲིམས་ལུགས་ཞབས་ཞུའི་ལས་བྱེད་མི་སྣ།

༣ ལས་གནས་ཀྱིས་རྐྱེན་པའི་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་འཁུར་མི་འཚམ་པའི་གནད་དོན་གཞན།

༼གསུམ་པ༽གཤམ་གྱི་གནད་དོན་རིགས་ཡོད་ཚེ་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་འཁུར་མི་ཆོག

༡ ཉེས་དོན་ཁྲིམས་ཆད་ཕོག་མྱོང་བ།

༢ གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ།

༣ ཁྲིམས་རྩོད་པ་དང་གཞུང་དཔང་པའི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་བཏང་བ།

༤ ཁ་དན་ཚིག་ལ་མ་གནས་པར་རྩིས་ནས་དེའི་ཁོངས་གཏོགས་སུ་བཅུག་རྒྱུའི་ལག་བསྟར་བྱས་པ།

༥ ཉེས་ཆད་ཕོག་ནས་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་ནས་གནས་དབྱུང་བཏང་བ།

༦ ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡོད་པས་ཁྲིམས་འཛིན་གྱི་སྤྱི་པའི་ཡིད་ཆེས་ཐོབ་ཤུགས་ལ་ཤུགས་རྐྱེན་ཐེབས་པའི་བྱ་སྤྱོད་གཞན།

གསུམ་པ།  བདམ་བསྐོའི་འགྲོ་ལུགས།

༼དང་པོ༽སྤྱི་ཚོགས་ལ་སྤྱི་བསྒྲགས་འགྲེམ་པ། མི་དམངས་འདྲི་གཅོད་ལས་རོགས་པ་བདམ་བསྐོ་བྱེད་པའི་ལས་ཀ་མ་བྱས་གོང་གི་ཟླ་བ་གཅིག་ནང་སྤྱི་ཚོགས་ལ་མི་དམངས་འདྲི་གཅོད་ལས་རོགས་པ་བདམ་བསྐོ་བྱེད་པའི་མི་གྲངས་དང་ཆ་རྐྱེན། འགྲོ་ལུགས་སོགས་འབྲེལ་ཡོད་གནད་དོན་སྤྱི་བསྒྲགས་བྱེད་དགོས།

༼གཉིས་པ༽འོས་མི་བདམ་ཐོན་བྱེད་པའི་འགྲོ་ལུགས།

༡ སྐབས་བསྟུན་ངེས་མེད་ཀྱི་འདེམས་སྒྲུག ཁྲིམས་འཛིན་སྲིད་འཛིན་ཚན་པ་དང་སྤྱི་བདེ་ཚན་པ་མཉམ་དུ་མངའ་ཁོངས་ནང་གི་རྒྱུན་སྡོད་གྲོང་མིའི་ནང་ནས་སྐབས་བསྟུན་ངེས་མེད་ཀྱི་འདེམས་སྒྲུག་བྱས་ཏེ་མི་ངོ་མའི་བསམ་འཆར་བསྡུ་ལེན་བྱེད་དགོས།

༢ མི་སྒེར་གྱིས་སྙན་ཞུ་ཕུལ་བ། མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་འཁུར་བའི་ཆ་རྐྱེན་དང་འཚམ་པའི་སྤྱི་དམངས་ཀྱིས་ཐད་ཀར་ཐེམ་ཐོ་གནས་སའམ་རྒྱུན་སྡོད་བྱེད་སའི་རྫོང་རིམ་པའི་ཁྲིམས་འཛིན་སྲིད་འཛིན་ཚན་པར་ཡིག་ཐོག་ནས་སྙན་ཞུ་ཕུལ་ཆོག

༣ སྒྲིག་འཛུགས་ཀྱིས་འོས་སྦྱོར་བྱས་པ། སྤྱི་དམངས་གནས་སའི་ལས་ཁུངས་སམ་ཐེམ་ཐོ་གནས་སའི་ས་ཆ། ཡང་ན་རྒྱུན་སྡོད་བྱེད་སའི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་སྒྲིག་འཛུགས་སམ་མི་དམངས་ཚོགས་པས་མི་ངོ་མའི་མོས་མཐུན་ཐོབ་རྗེས་འོས་སྦྱོར་བྱས་ཆོག

༼གསུམ་པ༽ཐོབ་ཐང་ལ་ཞིབ་དཔྱད་བྱེད་པ། སྐབས་བསྟུན་ངེས་མེད་ཀྱི་འདེམས་སྒྲུག་དང་མི་སྒེར་གྱིས་སྙན་ཞུ་ཕུལ་བ། སྒྲིག་འཛུགས་ཀྱིས་ངོས་སྦྱོར་བྱས་པའི་མི་དམངས་འདྲི་གཅོད་ལས་རོགས་པའི་འོས་མི་ཡི་ཐོབ་ཐང་ལ་ཞིབ་དཔྱད་བྱེད་དགོས་ཤིང་། མི་དམངས་འདྲི་གཅོད་ལས་རོགས་པའི་འོས་མི་ཡི་བསམ་འཆར་བསྡུ་ལེན་བྱེད་དགོས།

༼བཞི་པ༽བདམ་མི་གཏན་འཁེལ་བྱེད་པ། ཐོབ་ཐང་ལ་ཞིབ་དཔྱད་བྱས་པར་གནད་དོན་མེད་ཅིང་། མི་དམངས་འདྲི་གཅོད་ལས་རོགས་པའི་ལས་འགན་འཁུར་རྒྱུར་ཁས་བླངས་པའི་མི་དམངས་འདྲི་གཅོད་ལས་རོགས་པའི་འོས་མི་ཡི་མིང་ཐོའི་ནང་ནས་སྐབས་བསྟུན་ངེས་མེད་ཀྱི་འདེམས་སྒྲུག་བྱས་ཏེ་མི་དམངས་འདྲི་གཅོད་ལས་རོགས་པའི་ལས་གནས་སུ་བསྐོ་གཞག་བྱེད་རྒྱུའི་འོས་མིར་འདེམས་དགོས།

༼ལྔ་པ༽ཁུངས་འདེད་ཞིབ་དཔྱད།བདམ་བསྐོའི་རེ་འདུན་དང་ཆ་རྐྱེན་ཚང་ཞིང་། མི་དམངས་འདྲི་གཅོད་ལས་རོགས་པའི་ལས་ཀར་ཞུགས་འདོད་ཡོད་པའི་མི་དམངས་འདྲི་གཅོད་ལས་རོགས་པའི་བསྐོ་གཞག་བྱེད་རྒྱུའི་བདམས་མིར་ཡོང་ཁུངས་རྩད་གཅོད་བྱེད་དགོས་ཤིང་། སླར་ཡང་མི་ངོ་མའི་བསམ་འཆར་བསྡུ་ལེན་བྱེད་དགོས།

༼དྲུག་པ༽བསྐོ་གཞག་མ་བྱས་གོང་སྤྱི་བསྒྲགས་བྱེད་དགོས། སྤྱི་ཚོགས་ལ་བསྐོ་གཞག་བྱ་རྒྱུའི་མི་དམངས་འདྲི་གཅོད་ལས་རོགས་པའི་མིང་ཐོ་སྤྱི་བསྒྲགས་བྱེད་དགོས་ཤིང་། སྤྱི་བསྒྲགས་བྱེད་པའི་དུས་ཡུན་ཡང་ལས་དུས་ཉིན་ལྔ་ལས་ཉུང་དྲག་རྒྱུ་མེད།

༼བདུན་པ༽བསྐོ་གཞག་བྱེད་རྒྱུའི་རེ་འདུན་ཞུ་བ། སྤྱི་བསྒྲགས་བྱས་ནས་མི་དམངས་འདྲི་གཅོད་ལས་རོགས་པའི་བསྐོ་གཞག་བྱ་རྒྱུའི་འོས་མི་གཏན་འཁེལ་བྱས་རྗེས། གཞི་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གིས་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཚོགས་འདུར་བསྐོ་གཞག་བྱེད་རྒྱུའི་རེ་འདུན་ཞུ་དགོས།

༼བརྒྱད་པ༽ལས་འགན་བཞེས་པའི་དམ་བཅའ་འཇོག་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཚོགས་འདུས་མོས་མཐུན་བྱུང་རྗེས། མི་དམངས་འདྲི་གཅོད་ལས་རོགས་པས་ཡོངས་ཁྱབ་ངང་ལས་འགན་བཞེས་པའི་དམ་བཅའ་འཇོག་དགོས།

བཞི་པ། མི་དམངས་འདྲི་གཅོད་ལས་རོགས་པའི་ལས་གནས་ལ་མི་གཞན་གྱིས་འོས་སྦྱོར་བྱས་པ་དང་རང་ཉིད་ཀྱིས་སྙན་ཞུ་ཕུལ་བའི་སྤྱི་དམངས་ཀྱི་མིང་ཐོ་འགོད་སྐབས་ཀྱི་དོན་ཚན་ཏེ།

༼དང་པོ༽མིང་ཐོ་འགོད་པའི་དུས་ཚོད། ༢༠༡༨ལོའི་ཟླ༩ཚེས་༡༡ནས་༢༠༡༨ལོའི་ཟླ་༩ཚེས་༢༠ཉིན་བར།

༼གཉིས་པ༽མིང་ཐོ་འགོད་ས། རྫོང་༼ཁུལ༽ཁག་གི་ཁྲིམས་འཛིན་ཅུད།

༼གསུམ་པ༽མིང་ཐོ་འགོད་སྐབས་བསྐྱལ་དགོས་པའི་ཡིག་ཆ་གཤམ་གསལ་ཏེ།

༡ མི་དམངས་འདྲི་གཅོད་ལས་རོགས་པའི་འོས་སྦྱོར་རེའུ་མིག་གམ་མི་སྒེར་གྱི་སྙན་ཞུའི་རེའུ་མིག

༢ རང་ཉིད་ཀྱི་ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར། སློབ་གནས་ལག་ཁྱེར་དང་དེའི་པར་སློག

༣ ཉེ་ཆར་རང་ཉིད་ཀྱི་ཞྭ་མོ་མ་གྱོན་པའི་ཚོན་ལྡན་འདྲ་པར་ཚུན་གཅིག་བྱས་པ་བཞི།

ཞིབ་དཔྱད་རྟོག་ཞིབ་བྱས་ནས་གཏན་འཁེལ་བྱུང་བའི་མི་དམངས་འདྲི་གཅོད་ལས་རོགས་པའི་བདམས་མི་དེ་རྫོང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ཚོགས་འདུས་བསྐོ་གཞག་བྱེད་རྒྱུའི་རེ་འདུན་ཞུས་ཏེ་བསྐོ་གཞག་ལོ་ལྔ་བྱེད་རྒྱུ།

མི་དམངས་འདྲི་གཅོད་ལས་རོགས་པས་ཁྲིམས་བཞིན་མི་དམངས་ཀྱི་ཚབ་བྱས་ཏེ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་ཀར་ཞུགས་དགོས་པ་དང་། འདྲི་གཅོད་པ་དང་འགན་དབང་གཅིག་མཚུངས་ཡིན། འདི་གཅིག་ནས་མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པའི་དབང་ཆ་མངོན་ཡོད་ལ། གཉིས་ནས་གཟི་བརྗིད་ལྡན་པའི་ལས་འགན་དང་འོས་འགན་ཞིག་ཀྱང་ཡིན་པས། ཆ་རྐྱེན་ཚང་མཁན་གྱི་སྤྱི་དམངས་རྣམས་ཀྱིས་ཚ་ཚ་འུར་འུར་ངང་མིང་ཐོ་འགོད་རྒྱུའི་དགའ་བསུ་ཞུ།

བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

༢༠༡༨ལོའི་ཟླ་༩ཚེས་༤ཉིན།

关闭

联系我们| 关于我们| 网站声明| 网站地图

   Copyright ©  西藏阿里地区网信办, 藏ICP备18000418号-1,All Rights Reserved

版权所有:阿里地区革吉县人民政府  联系电话:0897-2828339            藏公网安备 54252302000006号